- མདུན་ངོས།
- དགའ་ལྡན་ཁྲིར་ཕེབས་པ།
- Details
- དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
- སྡེ་ཚན། དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད།
- ཀློག་གྲངས། 4782
ཁྲི་ཆེན་ང་བཞི་པ་ཁྲི་ཆེན་ངག་དབང་མཆོག་ལྡན་ནི། ཕྱི་ལོ་ ༡༦༧༧ ལོར་གཅན་ཚ་དཀར་མོ་ཕུག་ཏུ་སྐུ་འཁྲུངས། རྭ་སྒྲེང་སྐུ་ཕྲེང་དང་པོ། དགུང་ལོ་བཅུ་གཅིག་པར་བྱ་ཁྱུང་དུ་ཕེབས་ནས་རྗེ་ཉིད་ཀྱི་ཁུ་བོ་ཁྲི་རིན་པོ་ཆེ་ངག་དབང་ཚུལ་ཁྲིམས་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། ལོ་ཤས་བར་འདོན་ཆོས་སྤྱོད་ཐུགས་འཛིན་དང་བསྡུས་གྲྭ་བྱང་བར་སྦྱངས། ༡༦༩༡ ལོ་དགུང་ལོ་བཅོ་ལྔའི་སྟེང་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་མཛད་དེ་གཞུང་ཆེན་བཀའ་པོད་རྣམས་ལ་དཔྱིས་ཕྱིན་པར་གསན་སྦྱོང་མཛད། དགུང་ལོ་ཉི་ཤུ་པ་༡༦༩༦ ལོར་གསང་ཕུར་ཕར་ཕྱིན་གྱི་གྲྭ་སྐོར་དང༌། དགུང་ལོ་ཉེར་ལྔ་པ་ ༡༧༠༡ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་མཛད། དེ་ནས་༧པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་འཕྲལ་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ། མཁན་ཆེན་དགེ་འདུན་ཕུན་ཚོགས་བསྟེན་ཏེ་གསང་བདེ་འཇིགས་གསུམ་གྱི་རྒྱུད་འགྲེལ་མན་ངག་བཅས་པ་ལ་སྦྱངས་ཤིང་སྔགས་རམས་པའི་དམ་བཅའི་གྲྭ་སྐོར་ཡང་མཛད། འཇམ་བཞད་ངག་དབང་བརྩོན་འགྲུས་ལས་ཀྱང་ཆོས་བཀའ་མང་དུ་གསན། དགུང་ལོ་ཉེར་དགུའི་སྐབས་རྒྱུད་པའི་དགེ་བསྐོས་གནང་། དེ་ནས་ཡབ་ཡུམ་གཉིས་ཀྱིས་ནན་བསྐུལ་གནང་བར་བརྟེན་རང་ཡུལ་མདོ་སྨད་དུ་བྱོན་ནས་ལོ་ངོ་བཞི་ཙམ་བཞུགས་དགོས་བྱུང་། ༡༧༠༩ ལོ་དགུང་ལོ་སོ་གསུམ་གྱི་སྐབས་སླར་ཡང་དབུས་སུ་ཕེབས་ནས་རྒྱུད་གྲྭར་བཞུགས། ༡༧༡༠ ལོ་དགུང་ལོ་སོ་བཞི་པར་གཞུང་ས་ནས་མངའ་རིས་མཐོ་ལྡིང་དགོན་པའི་མཁན་པོར་བསྐོས་པ་བཞིན་མཐོ་ལྡིང་གི་མཁན་ཁྲིར་ཕེབས་ཏེ། ལོ་ཆེན་གྱིས་སྐུུ་གསུང་ཐུགས་རྟེན་བཞེངས་པ་རྣམས་དང༌། མདོ་སྔགས་ཀྱི་འཆད་ཉན་བཙུགས་པ་ཉམས་པ་རྣམས་སླར་གསོ་གནང་། མངའ་རིས་སུ་ལོ་བདུན་གྱི་རིང་བསྟན་པའི་བྱ་བ་མཛད་ནས་དབུས་སུ་བྱོན་པའི་ལམ་ཞོར་གངས་ཏེ་སེར་མཇལ་བར། དེར་བླ་མ་གོང་མ་མང་པོས་ཞབས་ཕྱག་གི་རྗེས་མང་པོ་བཞག་པ་རྣམས་གཟིགས་ཏེ་དམ་པ་འདིས་ཀྱང་རྡོ་ལ་ཞབས་རྗེས་འཇོག་པར་མཛད། སྔ་རྗེས་སུ་༧པཎ་ཆེན་ཐམས་ཅད་མཁྱེན་པ་དང་། མཁན་ཆེན་དགེ་འདུན་ཕུན་ཚོགས། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། འཇམ་དབྱངས་བདེ་བའི་རྡོ་རྗེ་སོགས་བླ་མ་མང་པོ་ལས་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་གསན། ༡༧༡༩ ལོ་དགུང་ལོ་ཞེ་གསུམ་གྱི་སྐབས་རྒྱུད་སྨད་ཀྱི་ཁྲིར་ཕེབས་ཏེ་བདེ་མཆོག་གི་སྒྲུབ་མཆོད་གསར་འཛུགས་དང་། མཆོད་གཞིས་ཡང་གསར་སྦྱོར་མཛད། བདེ་མཆོག་རྩ་རྒྱུད་དང༌། སྦས་དོན་ཀུན་གསལ་རྩ་འགྲེལ་སྦྲགས་པའི་འཆད་ཉན་ལེགས་པར་བཙུགས། ཊཱིཀྐའི་འཛིན་ཆོས་སོགས་དང་འདུས་པའི་བསྐྱེད་རྫོགས་ཀྱི་མྱོང་ཁྲིད་ལོ་རེ་བཞིན་ཉམས་པ་མེད་པར་བསྐྱངས། ༡༧༠༧ ལོ་ནས་༡༧༡༦ལོའི་བར་ལོ་བཅུའི་རིང་ལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གདན་ས་མཛད་དེ་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་དགེ་འདུན་གྱི་སྡེ་ལེགས་པར་བསྐྱངས། ༡༧༢༨ ལོ་དགུང་ལོ་ང་གཉིས་ཀྱི་སྐབས་ ༧རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དུ་གདན་དྲངས་པ་ལྟར་ཕེབས་ཏེ་ལོ་ངོ་ཉི་ཤུ་རྩ་བཞིའི་རིང་ཡོངས་འཛིན་གྱི་ཁུར་བཞེས་ཏེ་སྔ་ཕྱི་རིམ་པར་༧རྒྱལ་བ་མཆོག་ལ་མདོ་སྔགས་ཀྱི་ཟབ་ཆོས་མཐའ་དག་ཕུལ་བར་མཛད། ལྕང་སྐྱ་རིན་པོ་ཆེས་ཀྱང་མདོ་སྔགས་ཀྱི་ཆོས་བཀའ་གང་མང་ཞུས། ༡༧༣༩ ལོ་དགུང་ལོ་རེ་གསུམ་གྱི་སྐབས་དགའ་ལྡན་གྱི་ཁྲིར་ཕེབས། ལོ་བདུན་གྱི་རིང་ལ་གསེར་ཁྲི་སྐྱོང་བར་མཛད། གཞན་དམ་པ་འདིས་སྐུ་ཚེ་ནང་དུ་གངས་ཏེ་སེ། ཀམ་པོ་གནས་དང༌། རྟ་སོ་བྲག་དཀར། བཞག་བྲག་གངས་རི། རི་བོ་དགེ་ལྡན། ཕ་བོང་ཁ་ལ་སོགས་པའི་སྒྲུབ་གནས་དུ་མར་སྐུུ་མཚམས་ཡུན་རིང་དུ་མཛད་ཅིང༌། བྲེལ་བ་ཆེ་སྐབས་མ་གཏོགས་མངའ་རིས་སུ་ཕེབས་པ་ནས་བཟུང་ལོ་རེ་བཞིན་མ་ཐ་ཟླ་བ་གསུམ་བཞི་རེ་ཙམ་མ་ཆག་པར་སྐུུ་མཚམས་མཛད། དགུང་ལོ་བདུན་ཅུའི་སྐབས་གསེར་སྲང་བརྒྱ་ཕྲག་བརྒལ་བ་བཏུས་ཏེ་གངས་རིའི་ལྗོངས་ཀྱི་རྟེན་བྱིན་རླབས་ཅན་རྣམས་ལ་གསེར་གསོལ་མཛད། དགུང་ལོ་དོན་ལྔ་པ་ ༡༧༥༡ ལོར་གསེར་ཁྲི་ལས་དགོངས་པ་ཞུས་ཏེ་ལོ་ཤས་རིང་པོ་ཏཱ་ལར་རྒྱུན་བཞུགས་མཛད་མུར་ ༧རྒྱལ་བ་མཆོག་ལ་རྭ་སྒྲེང་དགོན་པ་རྒྱུན་བཞུགས་གནང་ཡུལ་དུ་གསོལ་སྩལ་ཡོང་བའི་རེ་འདུན་ཞུ་བ་ལྟར་ཕུལ། དེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་རྭ་སྒྲེང་རིན་པོ་ཆེ་ཞེས་མཚན་འབོད་ཞུ་གསོལ་བྱུང་། སློབ་མའི་གཙོ་བོ་ལ་༧རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་ལྕང་སྐྱ་རིན་པོ་ཆེ་སོགས་མང་དུ་བྱུང་། ༡༧༥༡ ལོའི་ཟླ་བ་བརྒྱད་པའི་ཚེས་བརྒྱད་ཀྱི་ཉིན་རྭ་སྒྲེང་དུ་སྐུ་ཞི་བར་གཤེགས། རྒྱས་པར་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་རྣམ་ཐར་དང་། སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི་དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར་ལས་མཁྱེན་པར་མཛོད། གསུང་རྩོམ་ལ། མགོན་པོ་ཕྱག་དྲུག་པའི་བསྙེན་ཡིག་འཕྲིན་ལས་བཞི་ཡི་བང་མཛོད་དང༌། དམིགས་བརྩེ་མའི་ལས་ཚོགས་ཆར་འབེབ་སོགས་བཞུགས། སྐུུ་ཕྲེང་གཉིས་པ་ཁྲི་ཆེན་བསྟན་པ་རབ་རྒྱས། ལི་ཐང་དུ་ཕྱི་ལོ་ ༡༧༥༩ ལོར་སྐུུ་འཁྲུངས་ཏེ་དགུང་ལོ་ང་བདུན་པ་ ༡༨༡༥ ལོར་སྐུུ་གཤེགས། སྐུུ་ཕྲེང་གསུམ་པ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་ ༡༨༡༧ ལོར་འཁྲུངས་ཏེ་ ༡༨༦༣ ལོར་སྐུུ་གཤེགས། སྐུུ་ཕྲེང་བཞི་པ་ངག་དབང་ཡེ་ཤེས་༡༨༦༤ ལོར་འཁྲུངས་ཏེ་ ༡༩༡༡ ལོར་སྐུུ་གཤེགས། སྐུུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་ ༡༩༡༢ ལོར་སྐུུ་འཁྲུངས། དགུང་ལོ་སོ་དྲུག་པ་ ༡༩༤༧ ལོར་སྐུ་གཤེགས། སྐུུ་ཕྲེང་དྲུག་པ་བསྟན་འཛིན་འཇིགས་མེད་མཐུ་སྟོབས་དབང་ཕྱུག་ ༡༩༤༨ ལོར་སྐུུ་འཁྲུངས་ཏེ་ ༡༩༩༧ ལོར་སྐུུ་གཤེགས།
དགའ་ལྡན་ཁྲིར་ཕེབས་པ།
བཅོ་ལྔ་པ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 10275
ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 9543
སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5761
ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4134
ང་བཞི་པ་བསམ་བློ་ངག་དབང་མཆོག་ལྡན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4782
ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 6262
དྲུག་ཅུ་པ་ཚྭ་བ་བློ་བཟང་བསྟན་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4487
རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲ་ཤིས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4639
རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5027
དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5108
གྱ་དྲུག་པ་ལ་མོ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5153
གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3590
གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4113
གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3266
བརྒྱ་དང་བཞི་པ་གཙང་བློ་བཟང་བསྟན་འཛིན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3397