- མདུན་ངོས།
- དགའ་ལྡན་ཁྲིར་ཕེབས་པ།
- Details
- དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
- སྡེ་ཚན། དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད།
- ཀློག་གྲངས། 4645
ཁྲི་ཆེན་རེ་བཞི་པ་བློ་བཟང་བཀྲ་ཤིས་མཆོག་ནི། ཕྱི་ལོ་ ༡༧༣༩ ལོར་ཏྲེ་ཧོར་རོང་པ་ཚ་བྲག་མགོ་ཞེས་པའི་གྲོང་གསེབ་དུ་སྐུུ་འཁྲུངས། ༡༧༥༨ ལོ་དགུང་ལོ་ཉི་ཤུ་པར་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་ཞུགས་ནས་སེར་བྱེས་གྲྭ་ཚང་གི་མཁན་རབས་བཅུ་དྲུག་པ་བྱམས་པ་སྨོན་ལམ་སོགས་བསྟེན་ཏེ་གཞུང་ཆེན་ཁག་ལ་སློབ་གཉེར་མཛད། དགུང་ལོ་ཉེར་ལྔ་པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས་ཤིང་དབང་ལུང་སོགས་ཆོས་བཀའ་དུ་མ་ཞུས། བྲག་རི་ངག་དབང་དོན་གྲུབ་དང༌། ཀློང་རྡོལ་བླ་མ་ངག་དབང་བློ་བཟང༌། ཁྲི་ཆེན་བློ་བཟང་སྙན་གྲགས་སོགས་ལས་སྨད་རྒྱུད་ལུགས་ཀྱི་ཁྲིད་ཆེན་བརྒྱད་སོགས་ཀྱི་དབང་ལུང་ཁྲིད་གསུམ་གང་མང་གསན། དགུང་ལོ་སོ་གསུམ་པ་ ༡༧༧༡ ལོར་གླིང་བསྲེའི་དགེ་བཤེས་ཀྱི་དམ་འཇོག་མཛད། དེའི་ཕྱི་ལོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྨད་མཁན་ཆེན་ངག་དབང་དཔལ་ལྡན་སོགས་ལས་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་བར་མཛད། དགུང་ལོ་སོ་བདུན་པར་རྒྱུད་པའི་བླ་མ་དབུ་མཛད་དང༌། ༡༧༨༥ ལོ་དགུང་ལོ་ཞེ་བདུན་པར་རྒྱུད་པའི་མཁན་ཁྲིར་ཕེབས། ༡༧༨༧ ལོ་དགུང་ལོ་ཞེ་དགུ་པར་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས། པེ་ཅིན་གྱི་གཡུང་དགོན་དང༌། དར་མདོ་ལྔ་མཆོད་དགོན་པ། འབའ་ཆོས་སྡེ། ལི་ཐང་ཐུབ་ཆེན་བྱམས་པ་གླིང༌། རྫི་མཐོ་དགོན་སོགས་སུ་མདོ་སྔགས་ཀྱི་བཀའ་ཆོས་གང་མང་གསུངས། དགུང་ལོ་ལྔ་བཅུ་ང་དྲུག་པ་ ༡༧༩༤ ལོར་དགའ་ལྡན་གྱི་ཁྲིར་བཞུགས་ནས་འཆད་ཉན་སྤེལ་བ་དང་སྐུུ་གསུང་ཐུགས་རྟེན་མང་དུ་བཞེངས། ཡངས་པ་ཅན་གྱི་སྟེང་ཤོད་རྒྱ་ཕིབས་སོགས་ཀྱང་ཞིག་གསོ་མཛད། ཁྲི་ལོ་བདུན་གཙང་ནས་དགུང་ལོ་རེ་གསུམ་པ་ ༡༨༠༡ ལོར་སྐུ་གཤེགས།
དགའ་ལྡན་ཁྲིར་ཕེབས་པ།
བཅོ་ལྔ་པ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 10276
ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 9548
སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5766
ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4136
ང་བཞི་པ་བསམ་བློ་ངག་དབང་མཆོག་ལྡན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4784
ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 6264
དྲུག་ཅུ་པ་ཚྭ་བ་བློ་བཟང་བསྟན་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4491
རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲ་ཤིས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4645
རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5031
དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5121
གྱ་དྲུག་པ་ལ་མོ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5154
གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3593
གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4116
གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3268
བརྒྱ་དང་བཞི་པ་གཙང་བློ་བཟང་བསྟན་འཛིན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3401