- མདུན་ངོས།
- དགའ་ལྡན་ཁྲིར་ཕེབས་པ།
- Details
- དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
- སྡེ་ཚན། དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད།
- ཀློག་གྲངས། 4485
ཁྲི་ཆེན་དྲུག་ཅུ་པ་བློ་བཟང་བསྟན་པ་མཆོག་ནི། ཕྱི་ལོ་ ༡༧༢༥ ལོར་ཚ་བ་རོང་ར་ལོ་ཞེས་པར་སྐུུ་འཁྲུངས། གཞིས་དགོན་ཚ་བ་ར་ལོ་དགོན་པའི་ཆོས་སྒོར་ཞུགས་ནས་ཡི་གེ་སྦྱོར་ཀློག་དང་ཆོས་སྤྱོད་ཆོ་ག་སྦྱངས། དགུང་ལོ་བཅུ་དྲུག་པ་ ༡༧༤༡ ལོར་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང༌། བསྡུས་གཞུང་ནས་བཟུང༌གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཞིང་བསླབ་པ་མཐར་སོན་ཏེ་གླིང་བསྲེའི་གྲྭ་སྐོར་མཛད། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང༌། དུང་དཀར་ངག་དབང་ཆོས་གྲགས་རྒྱ་མཚོ། དེ་མོ་ངག་དབང་འཇམ་དཔལ་དགེ་ལེགས་རྒྱ་མཚོ་གསུམ་ལས་དགེ་སློང་གི་སྡོམ་པ་མནོས། རྒྱུད་སྨད་དུ་ཞུགས་ཏེ་རྒྱུད་སྨད་མཁན་པོ་ཆོས་རྒྱ་མཚོ་སོགས་ལས་འགྲེལ་པ་བཞི་སྦྲགས་དང་ཤེར་སེང་བའི་ཊཱིཀྐའི་སྟེང་ནས་རྒྱུད་སྡེ་བཞིའི་དོན་ལ་མཁས་པར་བསླབས། ཕུར་ལྕོག་ངག་དབང་བྱམས་པ་སོགས་བསྟེན་ནས་མདོ་སྔགས་ཀྱི་དབང་ལུང་མན་ངག་མང་པོ་མནོས། དགུང་ལོ་སོ་བདུན་པར་རྒྱུད་སྨད་དགེ་བསྐོས་དང་བླ་མ་དབུ་མཛད་མཉམ་དུ་གནང༌། དེ་ནས་རིམ་བཞིན་རྒྱུད་སྨད་མཁན་ཁྲིར་ཕེབས་ཏེ་རྒྱུད་ཀྱི་འཆད་མཉན་རྒྱ་ཆེར་བསྐྱངས། དགུང་ལོ་ཞེ་བརྒྱད་པ་ ༡༧༧༢ ལོར་དགའ་ལྡན་ཁྲིར་ཕེབས་ཏེ། མདོ་སྔགས་ཀྱི་ཆོས་ཚུལ་འཆད་མཉན་དང་རྟེན་གསུམ་གསར་བཞེངས་སོགས་ཁྲི་ལོ་དྲུག་ལ་བསྐྱངས། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཡང་གནང་སྟེ་གཞུང་ཆེན་ཁག་གི་འཛུབ་འཁྲིད་གནང༌། ༡༧༧༧ ལོར་༧རྒྱལ་བ་འཇམ་དཔལ་རྒྱ་མཚོས་༧པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས་པའི་སྐབས་དུས་གོ་བ་མཛད། ལོ་དེའི་བོད་ཟླ་དགུ་བའི་ཚེས་གསུམ་ལ་ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་ཀྱིས་༧རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཆེ་བ་དང༌། དགའ་ལྡན་ཁྲི་ཟུར་བློ་བཟང་བསྟན་པ་འདི་ཉིད་ཡོངས་འཛིན་ཆུང་བ་མཛད་དེ་རྒྱལ་དབང་མཆོག་ལ་མཚན་ཉིད་ཀྱི་བཤད་ཁྲིད་རྒྱ་ཆེར་ཕུལ། གསུང་སྐྱེས་སློབ་མ་ཡང་རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང༌། དགའ་ཁྲི་རེ་གཉིས་པ་བློ་བཟང་སྨོན་ལམ། སྟག་ཕུ་གར་དབང༌། རྨི་ལི་མཁན་ཆེན་བློ་བཟང་སྦྱིན་པ་སོགས་མང་དུ་བྱུང་། མཐར་དགུང་གྲངས་ང་བརྒྱད་པ་ ༡༧༨༢ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
དགའ་ལྡན་ཁྲིར་ཕེབས་པ།
བཅོ་ལྔ་པ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 10275
ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 9543
སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5760
ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4134
ང་བཞི་པ་བསམ་བློ་ངག་དབང་མཆོག་ལྡན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4781
ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 6261
དྲུག་ཅུ་པ་ཚྭ་བ་བློ་བཟང་བསྟན་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4485
རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲ་ཤིས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4639
རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5026
དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5100
གྱ་དྲུག་པ་ལ་མོ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5153
གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3589
གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4113
གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3266
བརྒྱ་དང་བཞི་པ་གཙང་བློ་བཟང་བསྟན་འཛིན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3396