-
མདུན་ངོས།
-
འཕྲིན་གསར།
- འཚམས་འདྲི་སོགས།

འཚམས་འདྲི་སོགས། (34)
༧དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།༄༅། །བློ་གྲོས་བཟང་པོའི་མེ་ལོང་གཅིག་གིས་གཞུང་བརྒྱའི་མདུད་རྒྱ་བསལ་བར་བྱེད། །
རྗེས་བརྩེ་གསེར་གྱི་ཐག་པ་རེ་ལ་ཀུན་སྣང་གསར་བའི་བདེ་དགའ་རྒྱས། །
ཐུབ་བསྟན་འཛིན་མའི་ས་ཁྱོན་འདི་ནས་མཁྱེན་རབ་འཕྲུལ་གྱིས་བརྒལ་བ་གང་། །
གདུལ་བྱ་རྒྱ་མཚོའི་གཙུག་སྐྱེས་རྩེ་ན་གདོད་མའི་འོད་ཀྱི་དབང་པོ་ཉིད། །
༧སྐྱབས་རྗེ་དམ་པ་༧རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་༧འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེའི་གསེར་ཁྲིར་མངའ་གསོལ་བྱུང་བར་གུས་སློབ་སེར་བྱེས་རིག་མཛོད་ཀྱི་ལས་བྱེད་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་གུས་ཕྱག་གི་བརྩེགས་མ་སྔོན་དུ་བཏང་སྟེ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ༢༠༡༧ .༠༨.༠༤
དེ་ལས་མང་བ།...
༸གོང་ས་མཆོག་དགུང་གྲངས་༨༢ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཚམས་འདྲི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།༄༅། །ཞལ་རས་འཛུམ་གྱི་གཉེར་མ་རེས་ཀྱང་བདེ་དགེ་མ་ལུས་འགྲོ་ལ་སྟེར། །
ཟབ་གསལ་གསུང་གི་ཟེར་མ་རེས་ཀྱང་མཁས་དགུའི་ཡིད་ལ་སྣང་བ་བསྐྱེད། །
བརྩེ་ཆེན་ནོར་བུའི་གདེངས་ཀ་རེས་ཀྱང་ཞི་བསིལ་འོད་ཀྱི་ཟེགས་མ་སྤྲོ། །
མ་ལུས་སྐྱེ་རྒུའི་ཡིད་ཀྱི་མཁའ་ལ་ཁྱོད་ནི་ཟླ་ཚེས་གསར་པ་ཉིད། །
༧ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧འཇིག་རྟེན་ཞི་བདེའི་དེད་དཔོན་༧ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གཉིས་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ། གུས་འབངས་སེར་བྱེས་རིག་མཛོད་ཀྱི་ལས་བྱེད་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་གུས་ཕྱག་གི་བརྩེགས་མ་དང་བཅས་ཏེ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ༢༠༡༧ .༠༧.༠༥
ལོ་གསར་གྱི་ཤིས་ཚིག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ལོ་གསར་གྱི་ཤིས་ཚིག
བཀྲ་ཤིས་གང་ཞིག་དགེ་ལེགས་དཔལ་གྱིས་སྐྱེ་རྒུའི་འདོད་དོན་ལྷུན་གྱིས་འགྲུབ་ཅིང་དམ་པའི་སྐུ་ཚེ་བརྟན་པར་ཤོག །
བཀྲ་ཤིས་གང་ཞིག་གངས་ལྗོངས་ཞིང་གི་ལུགས་ཟུང་མངའ་ཐང་རབ་ཏུ་རྒྱས་ཤིང་རང་དབང་གཙང་མའི་དཔལ་འཐོབ་ཤོག །
བཀྲ་ཤིས་གང་ཞིག་ལེགས་བྱས་སྣང་བ་ཡངས་པའི་ས་ཆེན་ཀུན་ཏུ་བགྲོད་ཅིང་ཞི་བདེ་དཔལ་ཡོན་རྒྱས་པར་ཤོག །
བཀྲ་ཤིས་གང་ཞིག་ལྷག་བསམ་གཙང་མས་གངས་རིའི་ལས་དབང་ཇི་བཞིན་གཟིགས་ཏེ་རིགས་ཞེན་དར་དཀར་བརྐྱང་བར་ཤོག །
ཅེས་བོད་རྒྱལ་ལོ་ ༢༡༤༤ རབ་གནས་མེ་བྱ་ལོའི་གནམ་ལོ་གསར་ཚེས་ལ་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་ལོ་གསར་པའི་ནང་ལ་ཁྱེད་རྣམས་ཀྱི་སྐུ་ལུས་བདེ་ཞིང་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཕུལ་བ་ཡིན།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ༢༠༡༧།༠༢།༡༧ ལ།