-
མདུན་ངོས།
- འཕྲིན་གསར།

འཕྲིན་གསར། (133)
ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྦེལ་ཀོབ་གཞིས་ཆགས་སུ་ཆིབས་བསྒྱུར་བསྐྱངས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེ་ཕྱི་ལོ་༢༠༢༥ཟླ་༡ཚེས་༣ཉིན་གཞུང་སྒར་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་དང་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དང་། ཚེས་༤ཉིན་ལྷོ་ཕྱོགས་འབིང་ལོར་གྲོང་ཁྱེར་བཅས་སུ་བཞུགས་འཇགས་དང་། ཚེས་ལྔ་ཉིན་ཐད་འཕུར་མཁའ་གྲུའི་བརྒྱུད་བོད་མིའི་གཞིས་སྒར་སྦེལ་ཀོབ་གཞིས་ཆགས་སུ་ཆིབས་བསྒྱུར་གནང་ཞིང་། དེའི་སྐབས་སུ་སེར་སྐྱ་མི་མང་ཡོངས་ནས་ལག་ཏུ་མེ་ཏོག་བདུག་སྤོས་མཇལ་དར་སོགས་མཆོད་རྫས་སྣ་ཚོགས་པས་ཕེབས་བསུ་ཟབ་རྒྱས་ཞུས་ནས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཞབས་སོར་བདེ་བར་འཁོད།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ཕྱི་ལོ་༢༠༢༥ཟླ་༡ཚེས་༥ལ།
དེ་ལས་མང་བ།...
དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེ་རིང་སྟེ། ཕྱི་ལོ་༢༠༢༥ཟླ་༡ཚེས་༢ཀྱི་ཉིན་ྋའཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ྋརྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་སེ་ར་ཐེག་ཆེན་གླིང་དུ་ཆིབས་བསྒྱུར་བསྐྱངས་ཤིང་། སེ་རའི་ཚོགས་ཆེན་དུ་བཞུགས་འཇགས་དང་། ཚེས་༣གྱི་སྔ་དྲོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས། དེ་དག་གི་སྐབས་རྣམས་སུ་བླ་སྤྲུལ་དགེ་བའི་བཤེས་གཉེན་འདུས་དམངས་དང་བཅས་པའི་ཕེབས་བསུའི་མཇལ་དར་དཀར་གཙང་དང་མཆོད་རྫས་ཚོགས་ཀྱིས་སྣེ་དྲངས་ཏེ་ཕེབས་བསུ་དང་ཕེབས་སྐྱེལ་གྲ་རྒྱས་བསྟར།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ༢༠༢༥ཟླ་༡ཚེས་༣ལ།
མཚུངས་མེད་ཤར་པ་ཆོས་རྗེའི་མཚན་རྟགས་འབུལ་བཞེས་མཛད་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེ་རིང་སྟེ་ཕྱི་ལོ་༢༠༢༥ཕྱི་ཟླ་དང་པོའི་ཚེས་གཅིག་གི་ཞོགས་པར་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་གནང་པའི་ྋམཚུངས་མེད་ཤར་པ་ཆོས་རྗེའི་མཚན་རྟགས་རིན་པོ་ཆེ། ཞྭ་སེར་བསྟན་པའི་མཛེས་རྒྱན་སེར་སྨད་མཁན་ཟུར་རིན་པོ་ཆེ་ྋརྗེ་བཙུན་ངག་དབང་འབྱོར་ལྡན་དཔལ་བཟང་པོ་མཆོག་ལ་འབུལ་བཞེས་མཛད་པར་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲི་ཞུ་བ་དང་བཅས། མགོན་པོ་གང་ཉིད་ཀྱི་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ཕྱི་ལོ་༢༠༢༥ཟླ་༡ཚེས་༡ལ།